NESHAR THUPTEN THARPA

2_niushar

Neshar Thupten Tharpa (1902-1984)

བཀའ་ཟུར་སྣེའུ་ཤར་ཐུབ་བསྟན་ཐར་པ་མཆོག་ཕྱི་ལོ་༡༩༠༢ལོར་ལྷ་སར་ཕྱག་མཛོད་གླིང་ཁར་འཁྲུངས། ཡབ་ཀྱི་མཚན་ལ་ཚེ་རིང་དོན་གྲུབ་ཞུ། སྣེའུ་ཤར་ཐུབ་བསྟན་ཐར་པ་མཆོག་ནི་༸རྒྱལ་མཆོག་བཀའ་དྲིན་ཟླ་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་ནས་ཞབས་ཞུ་གནང་ཞིང་། དགུང་ལོ་༢༢སྐོར་ལ་གཞུང་ཞབས་གནང་། ལས་ཚན་ཐོག་མ་ཀླུ་སྦུག་ཤིང་གཉེར་ཞེས་རྩེ་གསོལ་ཐབས་ཀྱི་བཞུགས་ཤིང་ཞབས་ཞུ་དང་། དེའི་གུན་མཐུད་ལྷོ་ཁ་འོན་གཞིས་སྡོད་ཐོག་༸རྒྱལ་ཚབ་ར་སྒྲེང་སྐབས་བསྟན་སྲིད་དང་། ༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་མྱུར་བྱོན་ཞབས་བརྟན་སླད། གཙུག་ལག་ཁང་དང་། མཐའ་འདུལ་ཡང་འདུལ། འབྲས་སེ་དགའ་གསུམ་གྱི་ཚོགས་ཆེན་སོགས་ཉམས་གསོ་གསར་བཞེངས་རྒྱ་ཆེ་གནང་ཁོངས། བསམ་ཡས་གཙུག་ལག་ཁང་གི་ཨར་པོའི་དོ་དམ་མཁན་ཆེན་རྒྱལ་མཚན་ཕུན་ཚོགས་དང་། རམ་བཞི་ཤན་ཁ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་གྱི་ལས་སབྲེལ་གནང་། དེ་རྗེས་བླ་ཕྱག་མཁན་ཆུང་དང་། དེ་ནས་ཛ་སག་གནས་སྤར་བོད་གཞུང་ཕྱི་འབྲེལ་དོ་དམ། ༸སྐུ་མདུན་གྲོ་མོར་ཆིབས་བསྒྱུར་སྐབས་ཆིབས་ཞབས་ཁོངས་བཅར། ༡༩༥༢ལོར་རྒྱ་ནག་ཏུ་བོད་གཞུང་སྐུ་ཚབ་གཟིགས་སྐོར་ཚོགས་པ་ཐེངས་དང་པོའི་ཚོགས་གཙོ་གནང་། དེ་མཇུག་ཕྱི་འབྲེལ་དོ་དམ་རང་འཇགས་ཐོག་བཀའ་ཚབ་བླ་མར་གནས་སྤར་བཀའ་ཤག་ཏུ་ཕེབས། རྒྱ་གར་དུ་ཕེབས་ཏེ་བྱེས་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་བཀའ་བློན་དང་། ཕྱི་སྲིད་མཛད་དོན་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་གཏན་བཞུགས་གནང་། ཕྱིས་སུ་སྐུ་ནའི་བབས་ཀྱིས་བཀའ་ཟུར་ཐོག་བཞུགས་སྒར་ཕོ་བྲང་དུ་ཐུགས་དམ་ཉམས་བཞེས་དང་། ཞར་ཞོར་ཕྱི་ནང་ཕྱོགས་མང་པོ་ཞིག་གིས་བོད་ནང་དེ་སྔའི་ལོ་རྒྱུས་བཀའ་འདྲི་ཞུ་མཁན་ཇི་སྙེས་པར་ཐུགས་བསུན་ཛམ་མི་མཛད་པར་སོ་སོའི་རེ་སྐ྄ོ་གནས་ལུགས་ཁུངས་དག་གསལ་པར་གསུངས། རང་གཞིན་ཉིད་ནས་ཐུགས་གཤིས་དལ་ལ་བཟང་བ། ལྷག་པར་ཐུགས་བརྒྱད་བཟང་པོ་ཞིག་རེད། སྐུ་ཚེ་མཐའ་འཁྱོངས་ཞབས་ཞུ་གཡོ་མེད་རྣམ་པར་དག་པ་ཞུ་གནང་། སྐུ་མཆོག་རྒས་ཡོལ་དཡ་ཕེབས་རྗེས་བོད་ཡིག་ནང་བོད་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་སྟངས་ཐོག་ཕྱག་དེབ་ཞིག་ཀྱང་རྩོམ་བསྒྲིགས་གནང་ཡོད། ཕྱག་དེབ་དེ་བཞིན་ད་ལྟ་དཔར་འདེབས་ཞུ་རྒྱུ་བསྡད་ཡོད་པ་བཅས། ༡༩༨༢དགུང་གྲངས་༨༠ཐོག་སྐུ་ཞི་བར་གཤེགས།།

འབྱུང་ཁུངས། རྒྱུན་མཁོའི་བོད་གནས་ལག་དེབ། ཤོག་གྲངས་ ༡༡༡།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s