WANGDUE DORJEE

བཀའ་ཟུར་དབང་འདུས་རྡོ་རྗེ་མཆོག་ཕྱི་ལོ་༡༩༡༩ལོར་ལྷོ་ཁ་གྲི་གུ་རྫོང་ཁོངས་གཏམ་གཞོལ་པའི་གྲོང་གསེབ་ནང་བདེ་སྐྱིད་གྲོང་གསེབ་ཟེར་བའི་ཁྱིམ་ཚང་དཀྱུས་མ་ཞིག་ནང་འཁྲུངས་པ་དང་། བོད་ཡིག་སློབ་སྦྱོང་ནི་ལྷ་ལྡན་ཉ་རོང་ཤར་སློབ་གྲར་གནང་ཞིང་། དགུང་གྲངས་༡༡ཐོག་ཡབ་སྐུ་ཚེ་མ་ཟིན་སྟབས་དགུང་གྲངས་༡༨ནས་ཁྱིམ་གྱི་འགན་འཁུར་གནང་དགོས་བྱུང་སྟེ་གྲོང་གསེབ་ཀྱི་འགོ་པ་རྒན་པོའི་ཕྱག་ལས་ཀྱང་གནང་མྱོང་ཡོད་པ་རེད། དགུང་གྲངས་༡༩ལོར་ཟུར་ཁང་གོ་གཡོག་པོར་བསྐོང་སྟེ་ལྷ་ས་དང་། ཁམས། བྱང་། དབུས་གཙང་། རྒྱ་གར་བཅས་ནང་ལས་དོན་ལ་ཕེབས་ཡོད་པ་དང་། ༡༩༥༥ལོར་ཡར་ཀླུང་སྣེ་གདོང་རྫོང་འོག་ཟུར་ཁང་གོ་མཁེ་གསུམ་གཞིས་ཀ་ཟེར་བའི་གཞིས་སྡོད་དང་། ་སྣེ་གདོང་རྫོང་ཁོངས་གཙོ་དྲག་༡༦ཁོངས་ཀྱི་ལས་འགན་བཅས་གནང་། ༡༩༥༨ལོར་གྲི་གུར་བསྟན་སྲུང་དང་དམག་གི་སྒྲིག་འཛུགས་གཙུགས་ནས་རྩེད་ཐང་དུ་དམག་འཐབ་སྐབས་འགོ་མང་ཁྱོན་ཆེ་སྡོད་ཡུལ་དང་། ཚོགས་འདུ་བྱེད་ཡུལ་བཞུགས་ཁང་དུ་བྱས་པ་དང་། དེ་མཚམས་ས་གནས་རྫོང་སོགས་འགོ་འཁྲིད་རྣམས་ཡར་སྟོད་དུ་བསྐྱོད་སྐབས་དང་བླངས་དམག་སྒར་ནས་དོགས་ཆགས་འཛིན་བཟུང་དོ་དམ་བྱས་རྐྱེན་ཡུལ་ནང་འགོ་འཁྲིད་འདི་ཡིན་མེད་པ་དང་། ཛ་དྲག་གི་དུས་སྐབས་སུ་རྒྱ་ཆེའི་ཡུལ་དེའི་འགོ་འཁྲིད་ཀྱི་མཛད་འཁུར་གནང་སྟེ། མང་ཚོགས་ལ་ངལ་བ་ཆུང་ཐབས་དང་། རྒྱལ་ཁབ་ཏུ་ས་གནས་ཀྱི་ཆོ་སྤྱོད་སྙན་འབུལ་གནང་། སྐབས་དེར་ཕྱོགས་གཅིག་ནས་རྩེད་ཐང་སྒང་སྤུག་ཅེས་པར་རྒཡ་མིའི་དམག་སྒར་དཔོན་རིགས་འལ་འབྲེལ་གཏུགས་གནང་དགོས་པ་དང་། ཅིག་ཤོས་ཁྲ་འབྲུག་སོགས་ལ་བསྟན་སྲུང་དང་དམག་ལ་འབྲེལ་བ་གནང་དགོས་པ་བཅས་མེ་ཆུ་ལྟ་བུའི་འགལ་ཟླ་ཅན་གཉིས་དབར་ཚུད་དེ་ཛ་དྲག་དཀའ་ངལ་གྱི་གནས་ཚུལ་བྱུང་། དང་དམག་སྒྲིག་འཛུགས་ནང་བཞུགས་གནང་གིས་ཞི་བའི་འཁུར་འགན་གནང་བ་མ་ཟད། སྐུ་སྒེར་ནས་དམག་ཁོངས་སུ་མི་རྒྱུ་གཉིས་ཐད་ནས་འགྲོ་གྲོན་གནང་སྟེ། གཟིམ་ཁང་ཨ་མ་ཡང་དམག་སྒར་ཕགས་ཁང་གནང་བས། རྗེས་སུ་རྒྱ་མིས་ན་ཚ་ཆེ་བཟུང་གིས་གཟིམ་ཁང་རྩ་གཏོར་བཏང་ཡོད་པ་རེད། 

༡༩༥༩ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་རྒྱལ་ས་ལྷ་ས་ནས་རྒྱ་མིའི་དྲག་མཚོན་གྱི་གསེབ་ནས་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་བཀའ་དྲིན་ཆེ་སྐབས་འཕྱོངས་རྒྱས་རྫོང་དང་། ཡར་སྟོད་དར་རྒྱས་གླིང་དགོན་བརཕེབས་སྒྲིག་ཞུ་སྒོ་རྣམས་གནང་སྟེ་འཕྱོངས་རྒྱས་སུ་བཅར། རྩེ་ཐང་དུ་རང་ཕྱོགས་དམག་འཁྲུག་ཕམ་ཉེས་ཀྱིས་རྒྱ་དམག་རྣམས་བཞུགས་ཡུལ་གཞིས་ཀའི་ཉི་འཁྲིས་སུ་འབྱོར་གྲབས་ཡོད་པ་མཁྱེན་ཏེ་སྐབས་དེར་ལྷ་སར་སློབ་གྲར་ཡོད་པའི་བུ་མོ་རྒན་པ་གཉིས་ཕུད། དེ་བྱིངས་སྐུ་ཟླ་དང་། བུ་མོ་གཅིག བུ་གསུམ་མཉམ་འཁྲིད་གནང་སྟེ་འཁྲུངས་ཡུལ་ཕྱོགས་སུ་བྲོས་ཕེབས་སྐབས་སྨྲ་བོ་ལྕོགདགོན་པར་ཕེབས་ནུབ་མ་ཡུམ་ཡང་དེར་ཕེབས་ཀྱིས་ལྷན་འཛོམས་བྱུང་། དེ་རྗེས་རྒྱ་ིམིས་འཚོལ་ཞིབ་བྱེད་ཀྱི་ཡོད་པའི་བརྡ་ལན་འཔྱོར་རྗེས་ཉིན་མཚན་ལྔ་རིང་ཉི་མོ་རྫ་སེབ་ཏུ་ཡིབ་གནང་གིས་མཚན་མོ་ནང་མི་མཉམ་འཁྲིད་ཐབས་ཤེས་གནང་ཡང་། དོན་འབྲས་མ་སོན་པར་སྐུ་ཉིད་གཅིག་པུ་བྲོས་བྱོལ་གྱིས་འབྲུག་བརྒྱུད་མི་ས་མ་རིར་ཕེབས། དེ་ནས་རང་གི་ཡུལ་དང་མི་མང་གི་ཆེད་དུ་གང་ཐུབ་འཐབ་བརྩོད་གནང་རྒྱུའི་ཐུགས་ཐག་བཅད་དེ་ཟླ་གཅིག་རྗེས་སྦག་སཏ་ཕེབས། དེར་གསར་འབྱོར་ཁྱོན་ཆེ་ཡོང་དང་ཡོང་བཞིན་པ་རྣམས་ལ་རྒྱ་གར་གཞུང་གི་ཟས་གོས་དང་། གནས་མལ། སྨན་སོགས་ཀྱི་རོགས་རམ་རྒྱ་ཆེ་ཡོད་ཀྱང་། ཕྱི་རྒྱལ་གྱི་སྐད་ཡིག་ཤེས་པ་ཤིན་དུ་དཀོན་རྐྱེན་ཧིན་དི་གསུང་སྐད་ཕྲན་མཁྱེན་ཡོད་སྟབས་ཕོགས་ཁང་ནང་སྐད་བསྒྱུར་གྱིས་འགན་བཞེས་པ་དང་། ༡༩༥༩ཟླ་༡༢ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་མི་མང་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོར་བརྟན་གཞུགས་བསྟར་འབུལ་དང་འབྲེལ་མནའ་འགན་མཐུ་མོ་ཆེ་འབུལ་སྐབས་དབུས་གཙང་མི་འཐུས་ཁོངས་སྐུ་བཅར་ཞུས། ༡༩༦༠ལོ་ལྡི་ལིར་རྒྱ་གར་གྱི་དབུ་འཁྲིད་ཆེན་པོ་འཇེ་བི་ན་ར་ཡན་མཆོག་ནས་བསྡུ་འབོད་གནང་བའི་ཨབ་རོ་ཨེ་ཤན་རྒྱལ་ཁབ་ཚོགས་འདུར་བཀའ་ཤག་བཀའ་འབྲེལ་དབུས་གཙང་འཐུས་མིའི་མིང་ཐོག་ཕེབས། ལོ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོས་རླབས་ཆེན་དགོངས་བཞེས་ཀྱིས་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལམ་ལུགས་གསར་གཏོད་བཀའ་དྲིན་བསྩལ་ཁོངས་དབུས་གཙང་མི་མང་གི་འཐུས་མི་འདེམས་ཐོན་བསྐོ་གཞག་བསྩལ།

༡༩༦༣ཟླ་༨ཚེས་༡ནས་༡༩༦༤ཟླ་༢ཚེས་༢༩བར་སྤྱི་འཐུས་མཚན་འཁུར་ཐོག་བཀའ་དྲུང་དང་། རྒྱུན་ལས་ཚོགས་དྲུང་གཅིག་ལྕོགས་ཀྱི་མཛད་འཁུར་གནང་། ༡༩༦༤ཟླ་༢ཚེས་༣༠ནས་ཟླ་༡༡ཚེས་༡༨བར་ནང་སྲིད་བཀའ་བློན་ཕྱག་རོགས་དང་། ༡༩༦༤ཟླ་༡༡ཚེས་༢༡ནས་༡༩༦༩ཟླ་༢ཚེས་༢༡བར་ནང་སྲིད་བཀའ་བློན་ངོ་མ། ༡༩༦༩ཟླ་༢ཚེས་༢༢ནས་ཟླ་༦ཚེས་༡བར་བདེ་སྲུང་བཀའ་བློན། སླར་ཡང་གོང་ལོའི་ཟླ་༦ཚེས་༢ནས་༡༩༧༥ཟླ་༦བར་ནང་སྲིད་དང་བདེ་སྲུང་བཀའ་བདལོན་གཅིག་ལྕོགས་གནང་། 

༡༩༧༧ཟླ་༣ཚེས་༡༥ནས་༡༩༧༨ཟླ་༣ཚེས་༡༤བར་ནང་སྲིད་བཀའ་བློན་ཐོག་ལྡི་ལི་དོན་གཅོད་ཀྱི་འགན་བཞེས་གནང་། ༡༩༧༨ཟླ་༩ཚེས་༡༦ནས་༡༩༨༣ཟླ་༣ཚེས་༡༣བར་ནང་སྲིད་བཀའ་བློན་གྱི་མཚན་ཐོག་བཀའ་ཤག་ཏུ་རྟག་བཅར་གནང་བ་བཅས་བཙན་བྱོལ་ནང་ཁྱོན་མི་ལོ་༢༤མཛད་འཁུར་བཞེས་རིང་བཀའ་བློན་གྱི་མཛད་འཁུར་ལོ་བཅོ་བརྒྱད་ལྷག་ཙམ་གནང་། སྐུ་མཆོག་ནི་མི་མང་དཀྱུས་མའི་ནང་ནས་བཀའ་བློན་བསྐོ་སྩལ་གནང་བ་དང་པོ་ཡིན། དགུང་ལོ་དང་། ཞབས་ལོ་གཉིས་ཐོག་གི་ཆ་ནས་དགོངས་འཁྲོལ་ཡོང་བའི་གསོལ་འདེབས་རིམ་བཏབ་ཞུས་འབྲས། སྤྱི་ནོར་༸གོང་ས་ཆེན་པོས་ད་ཕན་ཕྱག་ལས་གནང་བར་དགྱེས་མཉེས་དང་བཅས་ཐུགས་མོལ་ལྟར་དགོངས་འཁྲོལ་བཀའ་དྲིན་ཆེ་བསྩལ་བྱུང་བ་རེད།  ༡༩༨༠ནས་༡༩༨༥བར་བཀའ་ཤག་སྐབས་ལྔ་པའི་རིང་ཁོང་ནས་བཀའ་བློན་ཁྲི་པའི་མཛད་འགན་བཞེས་གནང་འདུག1 ཁོང་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་རྒྱ་དམར་གྱི་ཡིག་ཆར་ལན་དུ་བསྙད་པ་བདེན་པའི་རང་སྒྲ་ཞེས་པ་རྒྱ་ནག་གི་ཡིག་ཆར་ལན་འདེབས་ཀྱི་དཔེ་དེབ་ཞིག་ཀྱང་བྲིས་གནང་འདུག།

 

འབྱུང་ཁུངས། རྒྱུན་མཁོའི་བོད་གནས་ལག་དེབ༏ ཤོག་གྲངས་༡༣༡།

1 https://tibet.net/about-cta/executive/

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s