PEMA JUNGNEY

Pema Jungney

Pema Jungney

པདྨ་འབྱུང་གནས་ཕ་བློ་བཟང་བསྟན་པ་དང། མ་དབྱངས་ཅན་ལྷ་མོ་གཉིས་ལས་ཕྱི་ལོ་ ༡༩༥༩ ཟླ་ ༧ ཚེས་ ༡ ཉིན་སྐྱེས་ཤིང། ཆུང་དུས་ཀ་སྦུག་དང་སིམ་ལ་གཏན་སློབ་ཏུ་གཞི་རིམ་སློབ་གྲྭ་བསྒྲིམས། དེ་ནས་ཝཱ་ཎཱ་མཐོ་སློབ་ཏུ་ཨཱ་ཅཱརྱ་ལོ་རིམ་གཉིས་པ་ཐོན། མཐོ་སློབ་ཏུ་སློབ་སྦྱོང་བྱེད་སྐབས་ས་སྐྱའི་སློབ་གཉེར་ལྷན་ཚོགས་ཀྱི་དྲུང་ཆེ་ ཐེངས་གཉིས་དང། དངུལ་གཉེར། རྒན་བདག ས་གནས་འོས་སྡུའི་ཚོགས་མི་བཅས་བྱས། ཞར་ཞོར་དུ་དཔལ་ས་སྐྱའི་སློབ་གཉེར་ཀྱི་ཆེད་དབུ་མ་འཇུག་པའི་འགྲེལ་པ་དང་སྤྱོད་ འཇུག་ལ་སོགས་པར་བསྐྲུན་སྐབས་ཞུ་དག་ཀྱི་གཙོ་འགན་འཁུར། ཝཱ་ཎཱ་མཐོ་སློབ་འཐོན་འཕྲལ་དཔལ་ས་སྐྱའི་༸སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་མཆོག་ གི་བཀའ་འབྲེལ་ས་སྐྱའི་ཆོས་སྒར་གྱི་དགེ་རྒན་ལོ་གསུམ་མ་ཟིན་ཙམ་བྱས་པའི་རྗེས་ ཝཱ་ཎཱར་དགེ་རྒན་འོས་སྦྱོང་ཐེངས་དང་པོའི་ནང་ཛུལ་ཞུགས་ཀྱིས་འོས་སྦྱོང་བྱས། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་སྦིར་གསར་འབྱོར་སློབ་གྲྭར་དྲག་ལ་རེ་ བཅོལ་གྱིས་དགེ་རྒན་དུ་བསྐོ་གཞག་གིས་ལོ་གཉིས་མ་ཟིན་ཙམ་དགེ་རྒན་བྱས། ཕྱི་ལོ་ ༡༩༨༨ ལོར་སྐབས་ ༡༠ པའི་བོད་མི་མང་སྤྱི་འཐུས་སུ་ས་སྐྱའི་ཁོངས་ནས་བདམས་ཐོན་བྱུང། སྐབས་བཅུ་པའི་སྤྱི་འཐུས་འཁྱུར་རྗེས་བར་བརྒལ་གྱི་དུས་ཡུན་ལོ་གཅིག་རིང་སླར་ ཡང་ས་སྐྱ་ཆོས་སྒར་དུ་དགེ་རྒན་བྱས། དེ་ནས་སྐབས་ ༡༡ པའི་སྤྱི་འཐུས་སུ་ས་སྐྱའི་ཁོངས་ནས་བདམས་ཐོན་བྱུང། དེའི་སྐབས་གྲོས་ཚོགས་ལས་རིམ་གསར་ཤོག་ཐོག་མར་འགོ་འཛུགས་ཞུས་སྐབས་འགན་གཙོ་ལོ་ ཤས་བྱས་པ་དང། འབྲུག་ཏུ་གཞུང་གི་སྐུ་ཚབ་ཁོངས་སུ་བཅར་བ་དང། ཕྱི་རྒྱལ་པོར་ཅུ་གྷལ་དུ་ཆབ་སྲིད་གུ་ཡངས་བརྗོད་གཞིའི་ཐོག་ཟབ་སྦྱོང་དང་ཚོགས་ བཅར་ཞུས། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་ཐེངས་གཉིས་བསྐོ་སྩལ་ལྟར་ཞུས། དེ་ནས་སླར་ཡང་སྐབས་ ༡༢ པའི་སྤྱི་འཐུས་ནང་ས་སྐྱའི་ཁོངས་ནས་བདམས་ཐོན་བྱུང། སྔོན་ས་ནམ་ཡིན་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མིར་བསྐོ་སྩལ་བྱུང་དོན་ ལྟར་ཐེངས་གཅིག་ཙམ་ལ་ཚོགས་དྲུང་དུ་སྤྱི་མོས་བྱུང་བ་ལས་གཞན་ཚང་མར་ཚོགས་གཙོར་ སྤྱི་མོས་བྱུང། གཞན་ཡང་དམིགས་བཀར་དམིགས་བསལ་ཚོགས་ཆུང་དང་ལས་བྱེད་གཟེངས་རྟགས་ཚོགས་ཆུང་གི་ ཚོགས་མི་བཅས་ལ་བསྐོ་གཞག་སྩལ། སླར་ཡང་སྐབས་ ༡༣ པའི་སྤྱི་འཐུས་སུ་ས་སྐྱའི་ཁོངས་ནས་བདམས་ཐོན་བྱུང། སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་གཙོར་བདམས་ཐོན་ བྱུང་ཞིང། དེའི་སྐབས་རྩ་དོན་དང་འབྲེལ་བའི་ཐོག་ཕྱི་རྒྱལ་ཡུལ་གྲུ་ཅེག་རྒྱལ་ཁབ་དང། སྦེལ་ཇེ་ཡེམ་ཡུ་རོབ་གྲོས་ཚོགས་སུ་ཐེངས་གཉིེས། སུད་སི་གྲོས་ཚོགས་ཀྱི་གས་གཙོས་མགྲོན་འབོད་ལྟར་ཐེངས་གཅིག་དང་གཞན་གཅིག་བཅས་ ཐེངས་གཉིས་དང། གཞན་ཡང་ཨི་ཊ་ལི། ཨི་ཌན་སྦག ཧོ་ལེནྚ་བཅས་སུ་བཅར། དེའི་རྗེས་སླར་ཡང་སྐབས་ ༡༤ པའི་སྤྱི་འཐུས་སུ་ས་སྐྱའི་ཁོངས་ནས་བདམས་ཐོན་བྱུང། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ཞི་རྒོལ་ཆེ་མོའི་སྐབས་འདི་ག་བཙན་བྱོལ་དུ་བཀའ་སྤྱི་ གཉིས་ལས་གྲུབ་པའི་དབུས་ཀྱི་ཛ་དྲག་ལས་འགུལ་ཚོགས་ཆུང་བསྐོ་འཛུགས་གནང་བ་ལྟར་ དེའི་ཚོགས་མིར་བསྐོ་གཞག་བྱུང། སྤྱི་སྐབས་དེའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དང་མང་ཚོགས་རྩིས་ཁྲ་ ཚོགས་ཆུང་གི་ཚོགས་གཙོ། མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཕྱོགས་སྒྲིག་བྱེད་པོའི་ཚོགས་ཆུང་གི་ཚོགས་ གཙོ། ཨིང་ལེནྚ་ཐེངས་གཅིག་བཅས་བཅར། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ སྐབས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་བྱུང། དེ་ནས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་སུ་དབུས་གཙང་ཁོངས་ནས་བདམས་ཐོན་བྱུང། དེའི་སྐབས་བཅའ་ཁྲིམས་བསྐྱར་བཅོས་ ༢༥ པའི་རྗེས་འབྲེལ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཏན་འབེབས་གནང་བའི་ཁྲིམས་སྒྲིག་ཁག་ ཉི་ཤུ་རྩ་གྲངས་ཡོད་པ་བསྐྱར་བཅོས་དགོས་པར་སོང། ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིར་བསྐོས་པ་ང་ཞིག་ལ་ ཚོགས་ཆུང་གི་ཚོགས་གཙོར་སྤྱི་མོས་བདམས་ཐོན་བྱུང། བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ གནང་བ་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོར་བདམས་ ཐོན་བྱུང། ཚོད་དཔག་འཆར་རྩིས་ཚོགས་ཆུང་ནང་ཐེངས་གཉིས་ཙམ་ཚོགས་མིར་བསྐོ་གཞག་གནང་དོན་ལྟར་ དེའི་ཚོགས་གཙོར་སྤྱི་མོས་བདམས་ཐོན་བྱུང། སྤྱི་ལྷན་ཚོགས་ཁང་དང་ལས་ཁུངས་གསར་རྒྱག་གི་ཚོགས་ཆུང་དུ་བསྐོ་གཞག་བྱུང། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་གི་ཚོགས་གཙོ་བྱེད་ བཞིན་ཡོད་པ་དང། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ནང་ལས་ཀ་བྱེད་བཞིན་པ་བཅས་མདོར་ན་བཙན་བྱོལ་བོད་ མིའི་མང་གཙོའི་འཕེལ་རིམ་ནང་སྤྱི་འཐུས་ལས་རྒྱུན་རིང་ཤོས་བྱེད་མཁན་ཁོ་ན་ཡིན། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཟབ་སྦྱོང་མང་དག་ལ་གཏམ་བཤད་དང།  ཤེས་ཡོན་སྲིད་བྱུས་གཞིར་བཟུང་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་གྱི་སྤྱི་ཚོགས་ ཚན་རིག་སློབ་དེབ་སློབ་ཚན་གང་འཚམས་ཤིག་ཟིན་བྲིས་དང། ལས་བྱེད་འདེམས་ལྷན་གྱི་ལས་བྱེད་གསར་བསྡུའི་དྲི་ཤོག་ཐེངས་མང་བཟོས་མྱོང་ཡོད། འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གཉིས་ཀྱི་ལོ་རྒྱུས་འབྲི་ རྩོམ་བྱས་པ་དང། རྩིས་ཞིབ་ལས་ཁང་གི་ལོ་རྒྱུས་ལ་ཞུ་དག་བྱས་པ་བཅས་ལོ་རྒྱུས་མདོར་བསྡུས་སོ།།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s